|
ཕྱི་ལོ་
2010 ཟླ་ 1 ཚེས་
1 ཉིན།
ཕྱི་ལུགས་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་དུ་རྗེ་མི་ལའི་རྣམ་
¡@
ཐར་འཁྲབ་སྟོན་དང་འབྲེལ་བའི་མཛད་རིམ།
¡@
གངས་ཅན་གྲུབ་པའི་རྒྱན་གཅིག་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་རྣམ་ཐར་གྱི་འཁྲབ་གཞུང་
ནི་༧དཔལ་རྒྱལ་བའི་དབང་པོ་༧ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་ནས་
གང་གི་ད་ལྟའི་བཞུགས་གནས་དཔལ་ལྡན་རྒྱུད་སྟོད་དུ་མཛད་པ་ཡིན།
དེ་ཡང་བློ་གྲོས་མཆོག་དམན་བར་གསུམ་གྱིས་
གོ་བདེ་ལ་དོན་བསྡུས་པ།
ཚིག་ཉུང་ལ་དོན་ཀུན་ཚང་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ཡིན།
རྗེ་མི་ལའི་རྣམ་ཐར་འཁྲབ་སྟོན་མཛད་མི་ནི། བོད་གཞུང་ཟློས་གར་ཚོགས་པ་ཡིན། ༧རྒྱལ་དབང་གང་ཉིད་ནས་ཁོང་
རྣམས་ལ་ལམ་སྟོན་མཛད་པ་བཞིན་ཡུན་རིང་པོའི་བར་ངལ་བ་འཛེམས་མེད་ཀྱིས་སྦྱོང་བརྡར་གང་ལེགས་མཛད་པས།
ཁོང་རྣམས་བྱང་ཤ་འཕེར་བར་གྱུར་ཡོད། དགའ་སྡུག་གི་ཉམས་ཀུན་ཕུན་སུམ་ཚོགས་ཤིང༌།
གཞན་དབང་འགུགས་ནུས་
པའི་དཔལ་དང་ལྡན་མོད།
སྐབས་དེའི་ཚངས་དབྱངས་འདོན་མཁན་ནི་བཀའ་བརྒྱུད་དགོན་སྡེ་ཁག་གི་གྲེ་བ་བདེ་བའི་
གྲྭ་བཙུན་རྣམས་ཆེད་འགུགས་ཀྱིས་སྦྱོང་བརྡར་སྤྲད་པ་ཞིག་ཡིན་ཅིང༌།
གཞས་སྣ་འཁྲབ་སྟོན་པ་རྣམས་ནི་སུ་ཇ་བོད་ཁྱིམ་
སློབ་གྲྭའི་སློབ་ཕྲུག་ཡིན།
རྗེ་མི་ལའི་རྣམ་ཐར་འཁྲབ་སྟོན་མཛད་ཡུལ་གྱི་སྡིངས་ཆ་ནི།
ཡོངས་དགེ་གཏེར་སྒར་དགོན་གྱི་ཉེ་འདབས་སུ་ཡོད་པའི་
བཀའ་བརྒྱུད་སྨོན་ལམ་ཚོགས་པས་སྤུས་གཟིགས་མཛད་པའི་ས་གནས་སུ་འདི་ལོ་མི་ལའི་འཁྲབ་སྟོན་ཕྱིར་གསར་སྐྲུན་
མཛད་པ་ཞིག་ཡིན།
དེ་ཡང་ཐོག་མའི་འཆར་གཞིར་དེ་ལྟའི་རྒྱ་ཁྱོན་ཆེ་བ་ཞིག་མེད་ན་ཡང་རྗེས་སུ་གསར་སྐྲུན་ཞུ་སྐབས་
རང་བཞིན་གྱིས་རྒྱ་ཁྱོན་ཆེར་གྱུར་པ་ནི་འབྱུང་འགྱུར་སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་རྟེན་འབྲེལ་ཡོད་ཚུལ་གསུངས།
སྡིངས་ཆ་དེ་སྟེང་དུ་ཕྱི་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་ཉིན་༧དཔལ་རྒྱལ་བའི་དབང་པོ་༧ཀརྨ་མཆོག་གི་
དབུས་བཀའ་བརྒྱུད་སྨོན་ལམ་དུ་ཕེབས་པའི་དགེ་སློང་ལྔ་བརྒྱ་ལྷག་ཙམ་དང༌།
དགེ་ཚུལ་ཡོངས་ལ་རྣལ་འབྱོར་གྱི་དབང་
ཕྱུག་རྗེ་མི་ལའི་བཀའ་དྲིན་རྗེས་སུ་དྲན་ཕྱིར་གུང་གི་གདུགས་ཚོད་སྐབས་ཟྭ་ཐུག་ཀྱང་ལྷན་དུ་འབུལ་ལམ་ཞུས།
དགོང་
དྲོ་ཆུ་ཚོད་དྲུག་པའི་ཐོག་རྒྱལ་དབང་མཆོག་དང་ཡབ་སྲས་རྣམ་པས་དབུས་པའི་བླ་སྤྲུལ་ཆེ་འབྲིང་ཁག་དང་བཤད་གྲྭ་
ཁག་གི་མཁན་པོ་དགེ་ཚུལ་སློང༌། རྒྱ་གར་གྲངས་ཉུང་མི་རིགས་ཀྱི་དབུ་འཁྲིད།
དེ་བཞིན་བྷི་ཧར་ས་གནས་ཀྱི་དཔོན་
རིགས་དང་མང་ཚོགས་ཁྲི་ཚོ་བརྒལ་བར་རྗེ་མི་ལའི་རྣམ་ཐར་གྱི་འཁྲབ་སྟོན་མཇལ་ཕྱིར་འདུས་ཡོད།
གཞན་ཡང་འཁྲབ་
སྟོན་གྱི་གཟིགས་འབུལ་དེ་བཞིན་དྲྭ་རྒྱའི་ཐོག་རྒྱལ་ཁབ་ཀུན་ཏུ་དུས་གཅིག་ཏུ་རྒྱང་སྲིང་ཞུས་ཡོད།
འཁྲབ་སྟོན་གྲུབ་རྗེས་༧དཔལ་རྒྱལ་དབང་༧ཀརྨ་པ་མཆོག་ནས་འཁྲབ་སྟོན་མཛད་དགོས་པའི་རྒྱུ་མཚན་གསལ་བཤད་
དང༌། འབྲེལ་ཡོད་ལས་སྣེ་ཀུན་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བསྩལ་ཏོ།། །།
¡@
















¡@ |