¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པའི་མར་མེའི་སྨོན་ལམ།

¡@

ཕྱི་ལོ་ 2009 ཟླ་ 12 ཚེས་ 31 ཉིན་དགོང་དྲོ་ཕྱག་ཚོད་བདུན་དང་ཕྱེད་ཐོག་༧རྒྱལ་དབང་མཆོག་མཆོད་རྟེན་རིན་པོ་ཆེའི་

སྐུ་མདུན་དུ་བསྐྱར་དུ་ཞབས་སོར་འཁོད་དེ་མར་མེའི་སྨོན་ལམ་དབུ་འཛུགས་བསྐྱངས། དེ་ཡང་ཡུལ་ཁག་སོ་སོའི་རབ་བྱུང་

དང་བཙུན་མ་རྣམས་ཀྱིས་སྙན་འཇེབས་ལྡན་པའི་སྒྲ་དབྱངསཕུན་སུམ་ཚོགས་པའི་སྒོ་ནས་ཞལ་འདོན་གསུངས་པ་ལས།

ཐོག་མར་གནས་བརྟན་སྡེ་པའི་དགེ་འདུན་རྣམས་ཀྱིས་པཱ་ལིའི་སྐད་ཀྱི་ཐོག་ནས་ཞལ་འདོན་དབུ་འཛུགས་མཛད། དེ་རྟིང་

རིམ་བཞིན་ལེགས་སྦྱར་གྱི་སྐད། བོད་ཀྱི་སྐད། ཀོ་རི་ཡའི་སྐད། བྷེཏ་ནམ་གྱི་སྐད། རྒྱ་ནག་གི་སྐད། དབྱིན་སྐད་སོགས་སྐད་

རིགས་དུ་མའི་སྒོ་ནས་ཡུལ་གོམས་གཤིས་ལུགས་དང་མཐུན་པའི་ཞལ་འདོན་འདོན་གནང་མཛད།

¡@

¡@

སྨོན་ལམ་ཞལ་འདོན་གྲུབ་ཟིན་རྗེས་ཀུན་གྱིས་ཕྱག་ཏུ་རྫ་ལས་གྲུབ་པའི་ཀོང་བུ་རེ་རེ་ནང་དུ་སྣང་གསལ་ཐོགས་ཏེ་མཆོད་རྟེན་

རིན་པོ་ཆེར་ལན་གསུམ་གྱི་བར་དུ་བསྐོར་བ་བསྐྱོན་པར་མཛད་པའི་གནས་སྙིང་དོན་བསྡུས་སུ།

 

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.