|
ཕྱི་ལོ་
2009 ཟླ་ 12 ཚེས་ 31
ཉིན་གྱི་དགེ་སློང་རྣམས་ཀྱི་བསོད་སྙོམས་རྒྱུ་འབུལ།
ཕྱི་ལོ་
2009
ཟླ་ 12 ཚེས་ 31
ཉིན་གྱི་མཛད་རིམ་སྙིང་བསྡུས་སུ་འགོད་པ་ལ་ཞོགས་པ་ཕྱག་ཚོད་དྲུག་པའི་ཐོག་རྒྱལ་དབང་
མཆོག་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་ཞབས་སོར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་རྟིང་དགེ་ཚུལ་སློང་དང་དད་ལྡན་
ཡོངས་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སྩལ།
དེ་རྗེས་རྒྱུན་སྲོལ་བཞིན་ཡན་ལག་ཉི་ཤུ་པའི་སྨོན་ལམ་དང༌། གནས་བརྟན་ཕྱག་
མཆོད།
དེ་བཞིན་བླ་མ་མཆོད་པ་བཅས་ཀྱི་ཞལ་འདོན་རྣམས་རིམ་གྱིས་གསུངས།
¡@



¡@
དེ་ནས་ཆུ་ཚོད་བཅུ་པའི་ཐོག་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་དབུས་པའི་དགེ་
སློང་རྣམས་ནས་ཕྱག་ཏུ་ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་རྒྱུ་འབུལ་ཕྱིར་མཆོད་རྟེན་རིན་པོ་ཆེ་ནས་རྣམ་རྒྱལ་གསོལ་མགྲོན་
ཁང་གི་མདུན་ངོས་ཀྱི་གླིང་གའི་བར་ཕེབས་ཏེ།
དེར་༧རྒྱལ་བའི་དབང་པོ་༧ཀརྨ་པ་མཆོག་དང་དེ་བཞིན་བླ་སྤྲུལ་ཆེ་ཁག་དང་
དགེ་སློང་རྣམ་པ་ལྷན་དུ་གུང་ཚིགས་ལ་རོལ་བར་མཛད།
¡@




¡@
བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་དུ་འཚོ་ཞིང་གཞེས་པའི་སྐབས་ལྟར་དགེ་སློང་རྣམས་བསོད་སྙོམས་སུ་ཕེབས་
སྐབས་དད་ལྡན་རྣམས་ནས་དྭང་བ་འདྲེན་ཅིང༌།
བསོད་ནམས་གསོག་པའི་ཕྱིར་དུ་བསོད་སྙོམས་ཀྱི་འབུལ་བ་ཡང་ཧ་ཅང་
ཚང་ཀ་ཆེ་བའི་སྟབས་ཀྱིས་འབུལ་ཡུལ་ཡང་ཇི་བཞིན་མི་རྙེད་པའི་དཀའ་ཚེགས་ཆེན་པོ་འདུག
།
¡@ |