¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆོས་སྐོར་གདན་ཞུ་དང་དག་སྒྲོགས།

 

ཕྱི་ལོ་ 2009 ཟླ་ 12 ཚེས་ 30 ཉིན་སྔ་དྲོ་ཕྱག་ཚོད་དྲུག་པའི་ཐོག་རྒྱལ་དབང་མཆོག་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་

ཞབས་སོར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་རྟིང་དགེ་ཚུལ་སློང་རྣམས་དང་དད་ལྡན་སྐྱ་བོ་ཡོངས་ལ་གསོ་སྦྱོང་གི་སྡོམ་པ་

བསྩལ།

¡@

དེ་རྗེས་དགེ་འདུན་པ་བརྒྱ་ཕྲག་ལྷག་ཙམ་ནས་གོམ་སྟབས་མྱུར་བུལ་རན་པའི་སྒོ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་

ཆོས་སྐོར་གདན་ཞུ་མཛད་སྐབས་དད་ལྡན་ཀུན་ནས་མཇལ་བ་ཙམ་གྱིས་ཡིད་དབང་དབང་མེད་དུ་འགུགས་ནུས་པའི་

དཔལ་དང་ལྡན། དེ་ནས་རྒྱལ་དབང་མཆོག་ནས་བཀའ་འགྱུར་སྒྲོགས་པའི་ཕན་ཡོན་སྐོར་ལམ་སྟོན་འབུད་ཙམ་བསྐྱངས།

ཆོས་སྐོར་གྲུབ་རྗེས་དེར་འདུས་དགེ་འདུན་ཡོངས་ནས་རྒྱལ་བ་བཀའ་འགྱུར་རིན་པོ་ཆེ་དག་སྒྲོགས་མཛད།

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.