|
སྒྲོལ་མ་ཉེར་གཅིག་གི་ངོ་སྤྲོད་དང་འཕྲིན་ལས་སྐྱོང་ཚུལ།
¡@
གུང་ཡོལ་ཕྱག་ཚོད་དང་པོ་ཡོལ་ཙམ་དུ་༧རྒྱལ་དབང་ཡིད་ནོར་མཆོག་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་ཞབས་སོར་བསྐྱངས་ཏེ་
བཞུགས་ཁྲིར་འཁོད་རྟིང་འཕགས་མ་སྒྲོལ་མའི་བསྟོད་པ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་དུ།
སྤྱིར་སྒྲོལ་མ་ཉེར་གཅིག་ལ་
བསྟོད་པ་བྱ་སྟངས་རྣམ་པ་གཉིས་ཡོད་པ་ལས།
¡@
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མས་དངོས་སུ་འཆད་པ་དེ་གཙོ་བོར་ཞུས་ན།
སྤྱིར་སྒྲོལ་མ་ཉེར་གཅིག་
ཡོད་པ་ལས་སྒྲོལ་མ་དང་པོ་མྱུར་མ་དཔའ་མོ།
དེའི་ཕྲིན་ལས་ནི་དབང་སྡུད་ཀྱི་ཕྲིན་ལས་དང་མཐར་ཐུག་སྒྲོལ་མ་ཉེར་གཅིག་པ་
ཕྲིན་ལས་སྒྲུབ་མཛད་མ། དེའི་ཕྲིན་ལས་གཙོ་བོ་གདོན་དང༌། རོ་ལངས།
གནོད་སྦྱིན་ལ་སོགས་པའི་གནོད་པ་ཐམས་ཅད་སེལ་བ་
ཡིན་པ་སོགས་སྒྲོལ་མ་རེ་རེའི་ངོ་སྤྲོད་དང༌།
དེ་དག་གི་ཕྲིན་ལས་ཀྱི་ངོས་འཛིན་རྣམས་མདོར་བསྡུས་པའི་སྒོ་ནས་གསལ་བར་
གསུངས།
¡@
དེ་ཡང་རྗེ་བཙུན་འཕགས་མ་སྒྲོལ་མ་་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ངོ་བོ་གཅིག་ཏུ་འདུས་པའི་རང་གཟུགས་
ཤིག་ཡིན་པས། འཕགས་ཡུལ་གྱི་གྲུབ་ཐོབ་ཆེན་པོ་ཉི་མ་སྦས་པ་དང༌།
ཇོ་བོ་རྗེ་སོགས་ཀྱིས་བསྟེན་པ་དང༌། བོད་དུའང་ས་དགེ་
བཀའ་རྙིང་ཇོ་ནང་དང་བཅས་པས་མ་བསྟེན་པ་མེད་པ་ལྟ་བུ་ཡིན་པས།
འདི་ཉིད་ལ་ཡི་དམ་གྱི་མཆོག་ཏུ་རྒྱ་བོད་ཐམས་ཅད་
ཞལ་མཐུན་པར་གསུངས་པ་ཡིན།
རྗེ་བཙུན་སྒྲོལ་མ་ནི་པྲིན་ལས་སྒྲུབ་པ་ལ་མཆོག་ཏུ་གྱུར་པ་དང༌།
ལྷག་པར་འཇིགས་པ་དང་བར་
ཆད་རྐྱེན་ངན་རྣམས་སེལ་བ་ལ་མཆོག་ཏུ་གྱུར་པ་དང༌།
དེ་བཞིན་རྣལ་འབྱོར་པ་རང་ཉིད་ཀྱི་ཕྱི་ནང་གསང་བའི་བར་ཆད་ཀྱི་
བགེགས་ཐམས་ཅད་སེལ་བ་ཡིན།
¡@
གཞན་ཡང་སངས་རྒྱས་ཀྱི་བསྟན་པ་བླ་ནས་བླར་འཕེལ་བར་བྱེད་པ་ལ་བདུད་ཀྱི་བར་ཆད་ཆེ་ཕྲ་ཆུང་གསུམ་དུ་མ་ཡོང་བ་ཡིན་པས་
དེ་དག་མ་ལུས་རྨེག་མེད་དུ་ཞི་བར་བྱེད་པ་དང༌།
ཁྱད་པར་དུ་བསྟན་འཛིན་ཀུན་གྱི་གཙུག་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་
མཆོག་གིས་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཀུན་གྱི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་
དགུ་མ་ལུས་ལྷུན་གྱིས་གྲུབ་པའི་ཕྱིར་དང༌།
ལྷག་པར་དུ་བདག་ཅག་རྣམས་ཀྱི་འདྲེན་པ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་
དུ་མཚན་ནས་སྨོས་ན་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེའི་ཡང་སྲིད་སྤྲུལ་པའི་ཟླ་ཞལ་མྱུར་དུ་འབྱོན་པར་མཛད་པའི་ཐུགས་སྨོན་
མཛད་དགོས།
¡@
ཉེ་བའི་ཆར་ཀམ་ཚང་རྒྱལ་བ་ཡབ་སྲས་ཀྱི་གྲལ་དུ་གཏོགས་པ་༧སྐྱབས་རྗེ་དཔའ་བོ་རིན་པོ་ཆེ་སྐུ་ཁམས་བདེ་མིན་གྱིས་སྨན་ཁང་
དུ་བཞུགས་པའི་གནས་ཚུལ་འདུག་པས།
དེ་དག་གི་སྐུ་རིམ་སྒྲུབ་ཕྱིར་ཐུགས་སྨོན་ཅི་ནས་གནང་སྐྱོང་ཡོད་པ་ཞུ་ཞེས་བཀའ་སྩལ།
¡@ |