|
རྒྱལ་དབང་མཆོག་ནས་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམས་ལ་སྩལ་བའི་བཀའ་སློབ།
¡@
ཕྱི་ལོ་
2009
ཟླ་ 12 ཚེས་ 27
ཉིན་ཕྱི་དྲོ་ཆུ་ཚོད་བཞི་པའི་ཐོག་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམས་བཀའ་སློབ་སྩལ་
དོན་དུ།
དེ་རིང་འདིར་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམ་པ་ཚང་མར་འཚམས་འདྲི་དང༌།
བཀྲིས་བདེ་ལེགས་ཞུ་རྒྱུ་
ཡིན། དངོས་འབྲེལ་བྱས་ན་ཕྲན་རང་ཉིད་ཀྱང་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་ཡིན།
བླ་མ་ཀརྨ་ཆོས་གྲགས་ཀྱིས་ང་ལ་
ཡང་ཚོགས་མིའི་ལག་ཁྱེར་སྤྲད་སོང༌། འོན་ཀྱང་ཞལ་འདེབས་ཕུལ་མྱོང་མེད།
¡@


¡@
སྤྱིར་བཀའ་བརྒྱུད་སྨོན་ལམ་འདི་ལོ་ངོ་ལྔ་བརྒྱའི་གོང་ནས་ཀརྨ་པ་སྐུ་འཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་ནས་ཡོད་པ་
ཞིག་རེད།
དེའི་རྒྱུན་ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་རིམ་བྱོན་འགའ་ཞིག་ནས་ཀྱང་མུ་མཐུད་བསྐྱངས།
འོན་ཀྱང་རྒྱ་གར་དུ་ཐོག་
མར་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་ནས་དབུ་འཛུགས་མཛད་ཅིང༌།
དེ་རྗེས་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་ནས་
མུ་མཐུད་གཟིགས་སྐྱོང་མཛད།
ད་ལྟ་བཀའ་བརྒྱུད་སྨོན་ལམ་ཞེས་མིང་འདོགས་རྒྱུ་ཡོད་དེ་ཡང་རིན་པོ་ཆེ་ཁོང་རྣམ་པ་གཉིས་
ལ་བརྟེན་ནས་བྱུང་བ་རེད།
ཚོགས་མི་རྣམས་འཛོམས་རྒྱུ་ཡོད་དེ་ཡང་ཁོང་རྣམ་པའི་བཀའ་དྲིན་ཡིན་དུས་བཀའ་དྲིན་སྙིང་
བཅང་ཞུ་དགོས།
དེ་དང་ཆབས་ཅིག་བཀའ་བརྒྱུད་སྨོན་ལམ་གྱི་ཕྱིར་ཉིན་མཚན་འཁོར་མོར་འབད་བརྩོན་བྱེད་མཁན་བླ་མ་
ཀརྨ་ཆོས་གྲགས་ཡིན་སྟབས་ཁོང་གི་བཀའ་དྲིན་རྗེས་དྲན་བྱ་དགོས།
ཁོང་ང་ཚོའི་གཙོ་འཛིན་ཡིན།
¡@
དེ་འདྲ་ཡིན་དུས་གཙོ་བོ་ད་ལྟའི་གནས་སྐབས་སུ་བཀའ་བརྒྱུད་སྨོན་ལམ་དེ་རྒྱལ་སྤྱིའི་རང་བཞིན་ཅན་དུ་ཚོགས་རྒྱུ་བྱུང་བར་
དགའ་པོ་བྱུང༌།
སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱི་སྨོན་ལམ་ལ་བརྟེན་ནས་ང་རང་ཚོ་ལྷན་དུ་དཀྱིལ་འཁོར་གཅིག་གི་ནང་
འཛོམས་རྒྱུ་བྱུང་བ་ཡིན།
དེས་ན་ཁྱེད་རྣམས་ནས་ཚོགས་ཞུགས་མཐུན་སྦྱོར་གནང་བར་དགའ་པོ་བྱུང༌།
ཚོགས་མི་རྣམས་ནས་
ལྷག་བསམ་གྱི་ཞལ་འདེབས་བསྐྱོན་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན།



¡@
སྤྱིར་བཟང་སྤྱོད་སྨོན་ལམ་ནང་གསུངས་པ་བཞིན་ནམ་མཁས་གར་ཁྱབ་ས་གཞི།
ས་གཞི་གར་ཁྱབ་སེམས་ཅན། སེམས་ཅན་གར་
ཁྱབ་ཉོན་མོངས།
ཉོན་མོངས་གར་ཁྱབ་སྡུག་བསྔལ་གྱིས་ཁྱབ་པ་ཡིན་པས་དེ་དག་གི་སྡུག་བསྔལ་སེལ་སྙམ་པའི་བློ་དང་ལྡན་དགོས་
པ་ཡིན།
¡@
ཁྱེད་རྣམས་ད་ལན་འདིར་ཕེབས་པ་དང་སྟབས་བསྟུན་ད་ལྟ་སྨན་བླའི་ཕྱག་དེབ་རེ་རེ་འབུལ་རྒྱུ་ཡིན།
དེའི་ནང་རྒྱ་བོད་དབྱིན་
གསུམ་གྱི་སྐད་རིགས་གསུམ་ལྷན་དུ་ཡོད།
མཐར་ཐུག་ཁྱེད་རྣམས་ནད་མེད་ཅིང་ཚེ་རིང་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་
ཞེས་གསུངས་སོ། །
¡@
|