|
བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པའི་ཉིན་དང་པོའི་མཛད་རིམ་དང་འབྲེལ་བའི་གསུང་ཆོས།
¡@
ཕྱི་ལོ་
2009
ཟླ་ 12 པའི་ཚེས་ 24
ཉིན་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་བཀའ་བརྒྱུད་
སྨོན་ལམ་སྐབས་ཉེར་བདུན་པའི་དབུ་འཛུགས་བསྐྱངས་ཤིང༌།
སྨོན་ལམ་ཚོགས་མགོན་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་
བདག ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་དང༌། ༧སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་དང༌།
༧སྐྱབས་
རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་རྣམ་པ།
དེ་བཞིན་མཁན་སློབ་དང་སྒྲུབ་བླ་རྣམ་པ་གཙོ་བོར་གྱུར་
པའི་དགེ་འདུན་འདུས་པ་སྟོང་ཚོ་བཞི་ལྷག་ཙམ་ཞོགས་པ་ཆུ་ཚོད་ལྔ་པ་ལ་ཚོགས་ཕེབས་མཛད་ཅིང༌།
དེ་ཉིན་ཞོགས་
པ་གསོ་སྦྱོང་གི་སྡོམ་པ་༧རྒྱལ་དབང་མཆོག་ནས་བསྩལ།
དེ་རྟིང་མགོན་པོ་མཆོག་ནས་དཀོན་མཆོག་རྗེས་དྲན་གྱི་མདོའི་
འགྲེལ་བཤད་སྙིང་བསྡུས་ཀྱི་ཚུལ་དུ་གསུངས།


དམ་པའི་ཆོས་རྣལ་མ་ཞིག་བྱ་བ་ལ།
སྤྱོད་འཇུག་ལས་ཇི་སྐད་དུ།
སྡུག་བསྔལ་མེད་པར་ངེས་འབྱུང་མེད། །ཞེས་པ་ལྟར་རྗེ་བཙུན་མི་ལར་ཐོག་མར་ཨ་ཁུ་དང་
ཨ་ནེས་ཕ་ནོར་འཕྲོགས། དེ་ལ་བརྟེན་ནས་མཐུ་བྱས།
དེ་ལ་རབ་ཏུ་འགྱོད་དེ་ཕྱིས་སུ་ཆོས་ཁོ་ན་མ་གཏོགས་ཡིད་ལ་དྲན་རྒྱུ་
མེད་པར། རྗེ་མར་པའི་སྐུ་མདུན་ལ་བཅར། ཆོས་ཀྱི་ཕྱིར་དཀའ་ཐུབ་དཔག་མེད་སྤྱད།
མཐར་ཟུང་འཇུག་གི་གོ་འཕང་སྐུ་
ཚེ་གཅིག་ལ་མངོན་དུ་གྱུར།
ཟས་གོས་གནས་མལ་རྣམས་དུད་འགྲོ་ཇི་བཞིན་བསྟེན་ཏེ་དཀའ་ཐུབ་དཔག་མེད་མཛད་པ་
ཇི་བཞིན།
སྔོན་བྱོན་གོང་མའི་རྣམ་ཐར་རྣམས་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་བསྟེན་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེ།
ཇི་སྐད་དུ། ལྟ་ཐོག་མཐོང་བའི་སེམས་ཉིད་དེ། །ཞེས་གསུངས་པ་ལྟར།
གཞུང་ཆེན་པོ་རྣམས་ནས་ཞི་གནས་དང་ལྷག་མཐོང་
གི་སྐོར་དུ་མ་བསྟན་ཡོད།
གལ་ཏེ་རང་ཉིད་ལ་དེ་ལྟར་མེད་ཀྱང་བླ་མའི་གདམས་ངག་གི་སྒོ་ནས་སྙིང་པོ་བསྟེན་ཚུལ་ཞིག་
མེད་ཐབས་མེད།
ཞི་གནས་ལ་བརྟན་པར་གནས་ཚེ་ཉོན་མོངས་མངོན་དུ་འགྱུར་བའི་གོ་སྐབས་ཐམས་ཅད་བཅོམ་པ་ཡིན།
སྤྱིར་ལྷག་མཐོང་ལ་དཔྱད་སྒོམ་དང༌། འཇོག་སྒོམ་གཉིས་ཡོད་ཅིང༌།
ཞི་གནས་ཀྱི་ངང་ནས་ཆོས་ཉིད་ལ་དཔྱད་པ་བྱེད་ཚུལ་
ཞིག་དང༌། ཞི་ལྷག་གཉིས་ཀྱི་སྒོ་ནས་ལྷན་དུ་ཉམས་ལེན་བྱ་ཚུལ།
དེ་བཞིན་གསང་སྔགས་བླ་མེད་ཀྱི་སྐབས་ངོ་བོ་ཞི་གནས་
དང་ལྷག་མཐོང་བསྐྱེད་རྫོགས་ཡིན་པར་བཞེད།


¡@
ཇི་སྐད་དུ། ལྟོ་འགྲངས་ཉི་མས་དྲོད་ཚེ་ཆོས་པའི་གཟུགས། །ཞེས་གསུངས་པ་ལྟར།
དེང་དུས་ལྟོ་བ་འགྲངས་ཚེ་གཉིད་འོང་བ་
ལས་ཆོས་པའི་གཟུགས་བརྙན་ཡང་དཀའ།
ཞལ་ནས་གསུངས་དུས་བྱམས་སྙིང་རྗེ་ཆེ་མདོག་ཁ་བ་ལས། དངོས་སུ་ལག་ལེན་
སྐབས་ཇི་བཞིན་སྐྱོང་ཐུབ་མཁན་ཤིན་ཏུ་དཀའ།
ལྷག་པར་རྐྱེན་ངན་ཐོག་ཏུ་བབ་ཚེ་གཉེན་པོ་བརྟེན་ཐུབ་དགོས་པ་ཤིན་ཏུ་
གནད་ཆེ་ཡང༌། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །ཞེས་གསུངས་པ་ལྟར་དངོས་སུ་ཆོས་མཐུན་ཀྱི་བྱ་བ་ཉམས་
ལེན་བྱ་ཐུབ་པ་རབ་ཏུ་དཀའ།
སྔོན་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྡེའུ་དཀར་ནག་གཉིས་བཏང་སྟེ་
དགེ་བའི་རྣམ་རྟོག་དང༌།
མི་དགེ་བའི་རྣམ་རྟོག་གང་མང་གི་རྡེའུ་བཏང་སྟེ་ཉམས་ལེན་མཛད་སྲོལ་ཡོད།
གཞན་ཡང་རི་
བོའི་བུ་བྱས།
ན་བུན་གྱི་གོས་གྱོན་སྟེ་ཞེན་ལོག་གི་རྣམ་ཐར་སྐྱོང་མཁན་བཀའ་གདམས་པའི་དགེ་བཤེས་དུ་མ་བྱུང༌།
ལྷག་པར་
དུ་གནས་མཆོག་རྡོ་རྗེ་གདན་གང་དུ་བདག་ཅག་གི་སྟོན་པ་མ་རིག་པའི་གཉིད་ལས་སངས་སའི་གནས་མཆོག་དེར་རང་རེ་
རྣམས་གཉིད་ཁུག་ནས་བསྡད་པ་ཡིན་ན་འགྲིག་ཐབས་མེད།
དེར་བརྟེན་སྨོན་ལམ་གྱི་སྐབས་འདིར་ཉིན་ཤས་ལས་མ་བྱུང་
ཡང༌། གཉིད་སད་ཐབས་ཀྱི་རྣམ་དཀར་གྱི་ལས་ལ་འབད་འབུངས་བྱ་དགོས་པ་ཡིན།





དེ་རྗེས་སྒོམ་ཡུད་ཙམ་རྒྱབ་རྒྱུ་ཡིན་པས།
ཐོག་མར་ལུས་གནད་བསྲང་དགོས་ཤིང༌། ལག་མཉམ་གཞག་གི་ཕྱག་རྒྱ།
སྒལ་པ་བསྲང་ཞིང་ལུས་གནད་གཅུན། དེ་མཇུག་
སེམས་གནད་གཅུན་པར་བྱ་དགོས།
དེའི་ནང་ནས་ཐོག་མར་དབུགས་འབྱུང་རྔུབ་ཀྱི་སྐབས་སེམས་གཞན་དུ་མ་གཡེང་བར་
རིག་པ་སྒྲིམ་སྟེ་མནོ་བསམ་གཏོང་དགོས་པ་ཡིན།
དམིགས་པ་དེ་ཐོག་ཏུ་བཞག་སྟེ་དེ་ཉིད་ལ་ཅུང་ཙམ་བསམ་དགོས་པ་ཡིན།
མཐར་བསྔོ་བའི་སྐབས།


¡@
ད་ལྟ་རང་རེ་རྣམས་ཀྱིས་ལོངས་སྤྱོད་བཞིན་པའི་བཟའ་བཏུང་གི་དངོས་པོ་མཐའ་དག་གཤིན་པོ་བརྒྱ་ཕྲག་དང་གསོན་པོ་བརྒྱ་
ཕྲག་གི་དད་འབུལ་གྱི་དཀོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས།
རང་རེ་འདིར་འདུས་བླ་སྤྲུལ། མཁན་སློབ། དགེ་འདུན་
འདུས་པ་རྒྱ་མཚོས་ཡིད་ཅན་དེ་དག་ལ་དམིགས་ཏེ་དེ་དག་གི་སྡིག་ལྟུང་རྣམས་བྱང་ཞིང་དག་སྟེ།
མཐར་སྐུ་བཞི་ཡེ་ཤེས་ལྔ་
ལྡན་གྱི་གོ་འཕང་མངོན་དུ་འགྱུར་ཕྱིར་བསྔོ་བ་གང་དགེ་གནང་དགོས་པ་ཡིན།
ཞེས་བཀའ་སྩལ།



¡@ |