|
དགེ་སློང་རྣམས་ཀྱི་ན་བཟའ་མནབ་ཚུལ་རྒྱུགས་བཞེས་མཛད་པ།
¡@
ཕྱི་ལོ་
2009
ཕྱི་ཟླ་
12
པའི་ཚེས་
23
ཉིན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དངོས་གཞི་མ་ཚུགས་པའི་ཉིན་གཅིག་གི་སྔོན་དུ།
ཡོངས་དགེ་གཏེར་སྒར་དགོན་གྱི་འདུ་ཁང་ཚོམས་ཆེན་ནང་དཔལ་
༧རྒྱལ་དབང་༧ཀརྨ་པ་མཆོག་དབུས་སུ་གཙོ་བོར་
བཞུགས་པའི་གཡས་སུ་༧སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་དང༌། ༧སྐྱབས་རྗེ་གར་དབང་རིན་པོ་ཆེ།
དེ་
བཞིན་གཡོན་ཕྱོགས་སུ་༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་མཁན་ཆེན་བློ་གྲོས་དོན་ཡོད་རྣམས་ལྷན་དུ་བཞུགས་པའི་
སྐུ་མདུན་དུ་སྨོན་ལམ་དུ་ཕེབས་པའི་བཀའ་བརྒྱུད་དགོན་ཁག་གི་དགེ་སློང་རྣམས་ཤོག་དྲིལ་འཕེན་པ་ལས་ཤོག་དྲིལ་ནང་
ནས་ཐོན་པའི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དང༌།
ཕུ་ལ་ཧ་རི་རིག་པའི་རྡོ་རྗེའི་སློབ་གཉེར་ཁང༌། དེ་
བཞིན་ཝཱར་ཎ་ཁྲ་འགུ་ཚང་གི་བཛྲབི་དྱཱ་བཅས་དགོན་ཁག་གསུམ་གྱི་དགེ་སློང་རྣམས་ནས་ན་བཟའ་མནབ་ཚུལ་སོགས་རིམ་
པས་རྒྱལ་དབང་མཆོག་ནས་རྒྱུགས་བཞེས་ཞིབ་ཕྲ་མཛད་ཟིན་རྗེས་སྨོན་ལམ་སྐབས་དང་རྒྱུན་དུ་སྤང་བླང་གི་ཉམས་ལེན་ཇི་
ལྟར་བྱ་དགོས་ཚུལ་གྱི་བཀའ་སློབ་ཕེབས་དོན་དུ།



¡@
དེང་སང་དགོན་པར་སློབ་གཉེར་སོགས་ཀྱི་མཐུན་རྐྱེན་སྦྱོར་བ་རྣམས་སྦྱིན་བདག་ཚོའི་བཀའ་དྲིན་ཡིན་ལ།
དེ་ལ་ང་
ཚོའི་ངོས་ནས་ཟ་ཉལ་སྤྱོད་ཤེས་པ་ཙམ་གྱིས་མི་ཕན་པར་ཐ་ན་སྤྱོད་ལམ་དང་ན་བཟའ་མནབ་ཚུལ་ཚུན་ལ་མཐོང་བ་
བརྒྱུད་པའི་ཕྱག་བཞེས་ཇི་བཞིན་དུ་གཟབ་དགོས་ཤིན་ཏུ་གལ་ཆེ།
མི་ཚང་མར་དད་པ་སྐྱེ་བའི་རྐྱེན་ང་ཚོ་ཡིན་ན། ཐོག་
མར་ཕྱི་ཚུལ་བཅོས་མ་ཤེས་ན།
མི་ཚོས་སྐུར་པ་བཏབ་པའི་རྒྱུར་གྱུར་ན་རང་གཞན་ཀུན་ལ་གནོད་གཞིར་འགྱུར་ཉེན་
ཡོད་པས། དེས་ན་རང་གཞན་བསོད་ནམས་གསོག་པའི་གཞིར་སྒྱུར་དགོས།
སྤྱོད་ལམ་གཅིག་པུས་ཀྱང་མི་འགྲིགས་པར་
དེ་མཚུངས་སེམས་དུལ་བ་བཟོ་རྒྱུའང་ཤིན་ཏུ་གལ་ཆེ་བ་དེ་ཡང་སྤྱོད་ལམ་དང་འབྲེལ་བ་ཡོད་པས་ཐོག་མར་སྤྱོད་ལམ་
བཅོས་དགོས་པ་ཡིན།
ལྷག་པར་བཀའ་བརྒྱུད་སྨོན་ལམ་སྐབས་སུ་འཛམ་གླིང་ཤར་ནུབ་སོགས་ནས་དཀའ་བ་ཁྱད་དུ་
བསད་ནས་འོང་བའི་དད་ལྡན་སྦྱིན་བདག་རྣམས་དཔེར་ན།
ཁ་ཤས་འགྲོ་གྲོན་ཕྱིར་ཁང་པ་ཡང་བཙོངས་ནས་ཡོང་བ་
དང༌། འགའ་ཤས་ལས་ཀ་ཡང་རྩ་དགོངས་ཞུས་ནས་ཡོང་གི་ཡོད་དུས།
ང་རང་ཚོ་གྲྭ་པ་བཟོས་པ་ཆོས་སྒྲུབ་པ་ལ་ཁྱད་
དུ་དམིགས་ནས་བཟོས་པས།
མཚམས་རེ་ཁོང་ཚོའི་སེམས་ཤུགས་ལ་དོ་སྣང་དང་དཔེ་ལེན་དགོས་ཀྱི་འདུག









རྡོ་རྗེ་གདན་དུ་སྟོན་པ་སངས་རྒྱས་པའི་གནས་རྩ་ཆེན་དེར་ཡོང་ནས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པ་དང༌།
སེམས་ཅན་ཐམས་ཅད་ལ་ཚེ་འདི་ཡི་ཕ་མ་ཇི་བཞིན་གྱི་བྱམས་བརྩ་དགོས་ཏེ།
སེམས་ཅན་གཞན་རྣམས་ཀྱིས་ད་ལྟའི་
ཕ་མ་བཞིན་རང་ལ་བྱམས་བརྩེས་བསྐྱངས་ཡོད་པ་ལུང་རིགས་ཀྱི་གྲུབ་པས།
དེ་རྣམས་ཀྱི་རེ་བ་དང་ལག་ལེན་ཕྱིན་ཅི་
ལོག་ན་སྡུག་བསྔལ་མང་པོ་འཕྲད་ཀྱི་ཡོད་པས།
དེ་རྣམས་ཐམས་ཅད་ལ་སྙིང་རྗེ་སྐྱེས་ནས་སྨོན་ལམ་ཚུལ་བཞིན་མཛད་
པ་ནི་བཀའ་བརྒྱུད་སྨོན་ལམ་གྱི་དམིགས་ཡུལ་ཡིན། དེ་ལུགས་ཐུགས་ལ་བཞག་པར་འཚལ།
ལྷག་པར་ཕྱི་ཟླ་དང་པོའི་
ཚེས་ཤར་ལ་༧རྒྱལ་བ་རིན་པོ་ཆེ་འདིར་ཕེབས་ཀྱི་ཡོད་པས། ང་ཚོས་རིག་པ་སྒྲིམ་སྟེ།
མི་མང་ཡོད་སར་གཟབ་པ་དང་
ནན་ཏན་བྱེད་དགོས་པའི་དུས་ཡིན་པས་གཟབ་པར་ཞུ།
¡@
དེ་རིང་དགོན་པ་རྣམས་ཀྱིས་སྦྱོང་བརྡར་བྱེད་མཁན་ཚང་མས་ཡུན་རིང་སྦྱོང་བརྡར་བྱས་ཡོད་ཟེར་བས་དེ་རྣམས་ལ་
ཐུགས་རྗེ་ཆེ་ཞུ།
མ་གཞི་གྲྭ་པ་ཡིན་ནས་བཟུང་ལས་འགན་དེ་དམ་པའི་ཆོས་ཚུལ་བཞིན་མ་གྲུབ་ན་སོ་སོའི་འགན་
དེ་མ་གྲུབ་སྟབས་མི་སྡུག་ཤོས་ཆགས་རྒྱུའི་ཉེན་ཁ་འདུག
ཚུལ་བཞིན་བྱས་ན་གྲྭ་པ་དང་བཙུན་མ་རྣམས་འཛམ་གླིང་
གི་མི་ལེགས་ཤོས་དེ་ཡིན་ཡིན་པ་རེད།
མཐའ་དོན་དགོན་པའི་ནང་དུ་ཚུལ་བཞིན་སློབ་སྦྱོང་དང་ཀུན་སྤྱོད་བཟང་པོ་
མཛད་རོགས་ཞུ་ཞེས་བཀའ་ནན་སྩལ། །
¡@ |