|
སྤྱི་ལོ་
2009
ཕྱི་ཟླ་
12
ཚེས་
22
ཉིན་གྱི་ཉིན་མཐའ་མའི་གསུང་ཆོས་ཀྱི་སྙིང་དོན་ནི།
¡@
བཤེས་སྤྲིང་གི་གསུང་ཆོས་ཉིན་མཐའ་མར་ཤོ་ལོ་ཀ་གནད་ཆེ་བ་འགའ་ཞིག་གི་འགྲེལ་བཤད་བསྐྱོན་པ་དང༌།
དེ་དག་ལས་སྒོ་
གསུམ་གྱི་སྤྱོད་པ་དམན་པ་སྤོང་བ་དང་འབྲེལ་རང་རེས་བསམ་བློ་གཏོང་ཚུལ་ཆུ་ལ་རི་མོ་བྲིས་ན་ལམ་སེང་ཡལ་བ་དང༌།
ས་ལ་
བྲིས་ན་རླུང་འཚུབ་སོགས་མ་བྱུངཚེ་ཡུད་ཙམ་གནས་པ་དང༌།
རྡོ་ལ་བྲིས་ན་རྒྱུན་དུ་གནས་པ་ལྟར་ཡིན་པས་ཉོན་མོངས་ཀྱི་བསམ་
པ་དང་ལྡན་པ་ལ་དང་པོ་དང༌།
ཆོས་འདོད་པ་ལ་མཐའ་མའི་སེམས་དང་ལྡན་དགོས་པ་ཡིན་ཚུལ་ཞིབ་པར་གསུངས།
¡@

¡@
གཞན་ཡང་བདག་ཅག་གི་སྟོན་པས་གཏམ་བཤད་ཚུལ་ལ་རྣམ་པ་གསུམ་དུ་གསུངས་པ་ལྟར།
སྦྲང་རྩི་ལྟ་བུ་དང༌། མེ་ཏོག་ལྟ་བུ་
དང། མི་གཙང་ལྟ་བུའི་གཏམ་སྟེ་དཔེ་དང་རིམ་པར་སྦྱར་ཚེ་ཐོག་མ་སྙིང་ལ་འབབ་པ་དང༌།
བདེན་པར་སྨྲ་བ་དང༌། ལོག་པར་སྨྲ་
བའི་ཚུལ་དུ་སྦྱར་ཏེ་ལེགས་པར་གསུངས་ཡོད།
¡@
དེ་རྗེས་ཉེས་སྤྱོད་སྡོམ་ནས་བཟང་སྤྱོད་བསྟེན་དགོས་པའི་རྒྱུ་མཚན།
མཐར་ངེས་ལེགས་གོ་འཕང་དོན་དུ་གཉེར་བྱ་ཡིན་པས་བདེ་
ནས་བདེ་བར་འགྲོ་བའི་ཕྱིར། སྣང་ནས་སྣང་བ་ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར།
བསམ་པ་བཟང་ལ་སྦྱོར་བ་བཟང་བ། བསམ་
པ་བཟང་ལ་སྦྱོར་བ་ངན་པ། སྦྱོར་བ་ངན་ལ་བསམ་པ་བཟང་བ།
བསམ་པ་ངན་ལ་སྦྱོར་བ་ངན་པ་སོགས་མུ་བཞིའི་རྣམ་གཞག་གི་
འགྲེལ་པ་ཞིབ་པར་བསྐྱོན།
¡@



¡@
དེ་རྟིང་འཇིག་རྟེན་མཁྱེན་པས་རྙེད་མི་རྙེད་དང་ཞེས་སོགས་སྐབས་ནས་བསྟན་པའི་འཇིག་རྟེན་ཆོས་བརྒྱད་རྣམས་སྤྱིར་འཇིག་རྟེན་
ལ་དགོས་ཀྱང༌། ཧ་ཅང་ཐལ་ཆེ་ན་དཀའ་ངལ་འབྱུང་བ་ཡིན། དེས་ན་རྙེད་པ་དང༌། བདེ་བ་དང༌།
སྙན་པ་དང༌། བསྟོད་པ་རྣམས་ལ་
ཆོག་ཤེས་བསྟེན་དགོས་པ་ཡིན།
བཟང་ཞན་ཅུང་ཙམ་གྱིས་ཡིད་འགུལ་བའི་བྱེད་པ་རྣམས་སྤངས་ཏེ་ཐམས་ཅད་ལ་རོ་སྙོམས་སུ་བསྟེན་
དགོས་པར་གསུངས།
¡@
ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར།
མི་འགའ་ཞིག་མི་རྟག་སྒོམ་པའི་གནས་སྐབས་སུ་
འཇིགས་སྣང་བྱ་མཁན་འདུག་པས་མི་རྟག་པ་ལ་བློ་སྐུལ་བ་ལས་འཇིགས་མི་དགོས་པ་ཡིན།
ང་ཚོའི་མི་ཚེར་འཆི་བ་ལན་གཅིག་མ་
གཏོགས་མེད་ཅིང༌།
སྐྱེ་བ་ཕྱི་མ་གང་དུ་འགྲོ་མིན་སོགས་ལ་སེམས་པས་བློ་ལ་འཇིགས་པ་སྟེར་བ་ཡིན།
སྤྱིར་གཞུང་ལུགས་ནང་འཆི་བ་
རྒྱུན་དུ་སྒོམ་དགོས་པར་གསུངས་ཡོད་པ་བཞིན་ང་ཚོས་རྒྱུན་དུ་འཆི་བའི་ཕྱོགས་ལ་བསམ་བློ་གཏོང་དགོས་པ་ཡིན།
མི་རྟག་པའི་བསམ་
བློ་གཏོང་ཚུལ་དེ་ཡང་ཉིན་རེའི་ནང་གསོན་ཐེངས་བརྒྱ་དང་ཤི་ཐེངས་བརྒྱ་ཕྲག་ཡོང་བའི་ཚུལ་དུ་དབུགས་འབྱིན་དབུགས་རྔུབ་ཀྱི་ཡུན་
དུ་མ་བཟང་ངན་ལེགས་ཉེས་དུ་མར་ཆུད་ཟོས་སུ་བཏང་བ་དང༌།
དེ་བཞིན་འགྲོ་འཆག་ཉལ་འདུག་ཁྲུས་དང་གཙང་སྤྲ་སོགས་ཀྱི་ཕྱིར་
དང༌། མཚན་མོར་གཉིད་ཀྱི་ཕྱིར་དུ་དུས་ཡུན་གང་འཚམས་ཆུད་ཟོས་སུ་འགྲོ་བ་དང༌།
གཞན་ཡང་རྣམ་དཀར་གྱི་ཕྱོགས་སུ་དུས་ཡུན་
ཇི་ཙམ་གཏོང་བ་སོགས་མནོ་བསམ་ཞིབ་པར་བཏང་སྟེ་དགེ་བའི་ཕྱོགས་སུ་བཀོལ་ཐུབ་ན་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བར་ཡང་ཕན་
པ་ཡིན་ཅིང།
རིམ་པས་ང་ཚོའི་མི་ཚེའི་ནང་བདེ་སྐྱིད་ཀྱི་རྒྱ་མཚོ་འཁྱིལ་བར་བྱེད་པ་ཡིན་པ་སོགས་ཤིན་ཏུ་ཞིབ་པར་གསུངས།
ཆིགས་
བཅད་གཞན་རྣམས་མུཇུག་མ་རྫོགས་བར་ལྗགས་ལུང་གི་ཚུལ་དུ་བསྩལ།
¡@



¡@
དེ་རྗེས་དྲི་བ་འགའ་ཞིག་ལས་དང་པོ་བུད་མེད་ཀྱི་རྟེན་ཅན་ལ་རིན་པོ་ཆེ་ལྟ་བུའི་ཡང་སྲིད་ཕེབས་ཐབས་ཡོད་དམ་ཞེས་བཀའ་འདྲི་
ཞུས་པར། རྒྱལ་དབང་མཆོག་ནས་སྤྱིར་གསང་སྔགས་སུ། ཐབས་ལས་གྲོལ་བ་དང༌།
ཤེས་རབ་ལ་བརྟེན་ནས་གྲོལ་བ་ཡང་ཡོད། བུད་
མེད་ཀྱི་ངོས་ནས་སྐྱེས་པ་རྣམས་ལ་འགྲན་སེམས་ལྟ་བུ་མ་ཡིན་པར་ཀུན་ལ་སྙིང་ཐག་པར་བརྩེ་བའི་བསམ་པའི་སྒོ་ནས་འབད་ན་
འགྲིགས་པ་རེད།
རྗེ་བཙུན་སྒྲོལ་མ་ལྟ་བུ་བུད་མེད་ཀྱི་རྟེན་ཅན་ལ་སངས་རྒྱས་པ་ཡང་ཡོང་གི་རེད།
དེ་ལྟར་འབྱུང་བ་ལ་གཙོ་བོ་
སེམས་བསྐྱེད་ཕུན་སུམ་ཚོགས་པ་ཞིག་དགོས་པ་ལས་རིན་པོ་ཆེ་ཡིན་པ་ཞིག་ཡིན་དགོས་ཀྱི་མ་རེད།
བུད་མེད་ཀྱི་རྟེན་ཅན་སུས་ཀྱང་
རུང་ཞིང༌།
ཁྱེད་རྣམ་ཚོའི་ནང་ནས་ཀྱང་དེ་ལྟའི་ནུས་མཐུ་དང་ལྡན་ན་རུང་བ་ཡིན་ཞེས་གསུངས།
¡@
བོད་དུ་དགེ་སློང་མའི་སྡོམ་རྒྱུན་ནམ་འབྱུང་མིན་སྐོར་བཀའ་འདྲི་ཞུས་པར།
རྒྱལ་དབང་མཆོག་ནས་དགེ་སློང་མའི་སྐོར་ཉིན་ཤས་
གོང་འདུལ་བའི་བགྲོ་གླེང་སྐབས་གནས་ཚུལ་གང་འཚམས་བྱུང་ཞིང༌།
སྤྱིར་བོད་དུ་དགེ་སློང་མའི་སྡོམ་རྒྱུན་དང༌། དགེ་སློང་མའི་
གཞི་ད་ལྟ་མེད་ཀྱང༌།
གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྒོ་ནས་དགེ་སློང་མ་ཡོང་ཐབས་ཨེ་ཡོད་བལྟ་བཞིན་ཡོད།
དགེ་སློང་ཕ་
ཚོགས་དང༌། དགེ་སློང་མ་ཐུན་མོང་གི་སྒོ་ནས་བསྙེན་པར་རྫོགས་ཆོག་རྒྱུ་ཡོད་ས་རེད།
དེ་བཞིན་རྒྱ་ནག་ནང་ཡོད་པའི་དགེ་སློང་
མའི་སྡོམ་རྒྱུན་ལ་བརྟེན་ནས་ཇི་ལྟར་བྱ་དགོས་མིན་བལྟ་བཞིན་ཡོད་པས།
དེས་ན་ཁྱེད་རྣམས་བྲེལ་བ་མ་མཛད་པར་ལྷོད་དལ་དུ་
བཞུགས་རོགས་མཛོད།
དམ་ཆོས་འདུལ་བའི་ལུགས་བཞིན་བྱས་ན་དཔྱད་མཚམས་དུ་མ་ཡོད་སྟབས་ལམ་སེང་བཤད་ཐུབ་ཐབས་
མེད་ཅིང༌། ཁྱིམ་པ་སུན་འབྱིན་ལྟ་བུ་ཆགས་ན་ཉེན་ཆེ་བས།
དེ་ཉིད་ཕྱིར་ན་མནོ་བསམ་ཞིབ་མོར་གཏོང་དགོས་པ་ཡིན་ཞེས་
གསུངས།
¡@
བདག་མེད་ཇི་ལྟར་སྒོམ་དགོས་མིན་དང༌།
བདག་མེད་རྟོགས་པས་སེམས་ཅན་ལ་ཇི་ལྟར་ཕན་ཚུལ་སྐོར་བཀའ་འདྲི་ཞུས་པར།
ཡིད་ནོར་མཆོག་ནས་བདག་མེད་སྒོམ་ཚུལ་གཞུང་ལུགས་ནས་གསུངས་པ་བཞིན་མ་ཡིན་པར།
ང་རང་སྒེར་གྱི་བསམ་ཚུལ་ཞིག་
བརྗོད་རྒྱུ་ཡིན།
¡@
བདག་དང་གཞན་ཞེས་པའི་བདག་ནི་རང་རྐྱ་ཐུབ་པ་མ་ཡིན་པར་གཞན་ལ་ལྟོས་པ་ཞིག་ཡིན།
ཟས་གོས་གནས་མལ་ལ་སོགས་པ་
མཐའ་དག་དང༌།
ཐ་ན་དབུགས་འབྱུང་རྔུབ་བྱེད་རྒྱུ་དེ་ཡང་གཞན་ལ་ལྟོས་པ་འབའ་ཞིག་ཡིན།
དེ་ལྟའི་རྒྱུ་མཚན་མཐོང་བས་
གཞན་ལ་རང་བཞིན་གྱིས་སྙིང་རྗེ་སྐྱེ་བ་ཡིན།
སྐྱེས་བུ་གང་ཞིག་གིས་རྟེན་འབྲེལ་གྱི་རང་བཞིན་འདི་ཉིད་ཇི་བཞིན་མ་འཚལ་ཚེ་
གཞན་དོན་ཡོང་ཐབས་མེད། ཇི་ཙམ་གྱི་རང་གལ་ཆེ་བ་དེ་ཙམ་གྱི་གཞན་གལ་ཆེ་བ་ཡིན་པས།
རྟེན་འབྲེལ་རྟོགས་པའི་གནད་
འདི་སེམས་ཅན་གཞན་གྱི་དོན་བྱེད་པ་ལ་ཤིན་ཏུ་གནད་ཆེ་བ་ཡིན་ཞེས་གསུངས།
¡@
དེ་མཇུག་འཛམ་གླིང་ཤར་ནུབ་ནས་ལྷགས་པའི་ཕྱི་རྒྱལ་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཤེས་སྤྲིང་གི་གསུང་ཆོས་ཉིན་མཐའ་
མའི་མཇུག་སྡོམ་གྱི་བཀའ་སློབ་ཕེབས་དོན་སྙིང་པོར།
ད་རིང་ཉིན་གཉིས་དང་ཕྱེད་རིང་ཕན་ཚུན་འབྲེལ་བ་བཞག་རྒྱུའི་གོ་སྐབས་
བྱུང༌། དེ་ལྟར་བྱུང་བར་ངོས་རང་དགའ་པོ་བྱུང༌།
དེ་ལྟའི་གོ་སྐབས་དེ་འདིར་ཕེབས་པའི་ཆོས་ཞུ་བ་རྣམས་ལ་བརྟེན་ནས་བྱུང་བ་
ཡིན་ན། ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
¡@


¡@
ད་རིང་གི་གསུང་ཆོས་བཤེས་པའི་སྤྲིང་ཡིག་འདི་ཉིད་ལོ་ངོ་སྟོང་ཕྲག་ལྷག་པའི་གོང་དུ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཐུགས་བརྩེ་
བའི་མཛའ་བཤེས་ལྷོ་ཕྱོགས་ཀྱི་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གནང་བའི་གནས་འཕྲིན་ཞིག་ཡིན།
འཛམ་གླིང་ཤར་ནུབ་ཀུན་ནས་
ཕེབས་པའི་དད་ལྡན་རྣམས་ལ་གཞུང་འདི་ཉིད་འཆད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང༌།
མདོར་ན་འདིར་ཁྱེད་རང་རྣམས་
ཐག་རིང་ནས་སླེབས་ཏེ་འཕྲད་པ་དེ་བསོད་ནམས་དུ་མ་བསགས་པའི་ཉེར་ལེན་ལ་བརྟེན་ནས་འདིར་ལྷན་དུ་འཛོམས་པ་རེད།
ད་དུང་མ་འོངས་པར་ཡང་རང་རེ་ཕན་ཚུན་ཡང་ནས་ཡང་དུ་འཛོམས་ཐུབ་པའི་རེ་འདུན་ཡོད།
ང་རང་གི་ངོས་ནས་ག་ཚོད་
ཐུབ་ཐུབ་ཀྱི་འབྲེལ་ལམ་མུ་མཐུད་གནས་རྒྱུའི་ཐབས་ཤེས་བྱ་བཞིན་ཡོད་ཅེས་བཀའ་བསྩལ།
དེ་རྗེས་ཆོས་ཚོགས་ཁག་གི་དད་
སྦྱིན་རྣམས་ནས་གསུང་ཆོས་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་སྐུ་གསུང་ཐུགས་རྟེན་གྱ་ནོམ་པ་
འབུལ་བར་མཛད་མཐར་ཆོས་ཞུ་བ་ཀུན་ལ་གོ་རིམ་བཞིན་མཇལ་ཁ་བསྩལ།



¡@ |