¡@

གནས་ཚུལ་གསར་ཤོས།  སྨོན་ལམ་མཛད་རིམ།

¡@

¡@

ཁོར་ཡུག་སྲུང་སྐྱོབ་ཀྱི་དྲྭ་རྒྱ་དབུ་འབྱེད་ཀྱི་མཛད་སྒོ།

¡@

ཕྱི་ལོ་ 2009 ཟླ་ 12 ཚེས་ 22 ཉིན་གུང་ཡོལ་ཆུ་ཚོད་གསུམ་པའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པས་གསར་དུ་

བསྐྲུན་པའི་དྲྭ་རྒྱ་ www.khoryug.com ཞེས་དབུ་འབྱེད་སླད་ཇི་ལྟར་གསོལ་བ་འདེབས་པ་བཞིན། ཞལ་བཞེས་

དབུགས་དབྱུང་བཟང་པོས་༧དཔལ་རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་དང༌།

༧སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་ལྷན་དུ་གཏེར་སྒར་དགོན་གྱི་འདུ་ཁང་ཚོམས་ཆེན་ནང་ཞབས་

སོར་བསྐྱངས། ཐོག་མར་དགེ་འདུན་པ་རྣམས་ཀྱིས་རྡོ་རྗེ་འཆང་འཐུང་མ་དབྱངས་དང་བཅས་ཏེ་གསུངས། དེ་རྗེས་

འཛམ་གླིང་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་ཚོགས་མི་བདེ་སྐྱིད་ཆུང་རྒྱལ་ནས་ཁོར་ཡུག་གི་ལམ་སྟོན་བརྙན་འཕྲིན་

གྱི་ལམ་ནས་གསལ་བཤད་གང་ལེགས་མཛད།

¡@

¡@

མུ་མཐུད་ཁོར་ཡུག་དང་འབྲེལ་བའི་འདི་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་ཉེར་བདུན་པར་ལས་དོན་སྤེལ་རྒྱུའི་འཆར་

གཞི་གཙོ་བོར། རྡོར་གདན་ཚོགས་པ་དང་ལྷན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་

དབང་ཆེན་བསྩལ་སའི་ཐང་ཆེན་གྱི་ས་གཞི་གཙང་མ་བཟོ་རྒྱུའི་ལས་གཞི་དེར། དགོན་སྡེ་གཙོ་བོར་གྱུར་པའི་གཞན་སུ་

ཕེབས་པ་ཡིན་ཡང་དགའ་བསུ་ཡོད་ཅེས་དང༌། གཞན་ཡང་མཆོད་རྟེན་སྐུ་མདུན། གཏེར་སྒར་དགོན་གྱི་ཉེ་འདབས་

སོགས་སུ་བྱི་དོར་བྱ་རྒྱུ་དང༌། གྷ་ཡཱ་གནམ་ཐང་དུ་ཡང་ཤིང་སྣ་འདེབས་འཛུགས་ཀྱི་ཆོག་མཆན་ཐོབ་པ་བཞིན་ཤིང་སྣ་

འཛུགས་རྒྱུའི་འཆར་གཞི་སོགས་གསུངས།

¡@

ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་འཐུས་མི་མཁན་པོ་སྐལ་བཟང་ཉི་མས་ལས་བསྡོམས་སྙན་སྒྲོན་ཞུས་སྐབས་༧དཔལ་རྒྱལ་

དབང་ཀརྨ་པ་མཆོག་ནས་མཛད་པའི་ལམ་སྟོན་དོན་ཚན་བརྒྱ་རྩ་བརྒྱད་ཅེས་པ་དེ། ཁོར་ཡུག་སྲུང་སྐྱོབ་ཚོགས་པས་

འདི་ལོ་བཀའ་བརྒྱུད་སྨོན་ལམ་དང་སྟབས་བསྟུན་སྐད་ཡིག་མི་འདྲ་བ་ལྔ་ཡི་ཐོག་པར་སྐྲུན་བྱས་ཡོད་ཅིང༌། སྐད་ཡིག་ལྔ་

པོ་ནི། བོད་སྐད། རྒྱ་གར་སྐད། དབྱིན་སྐད། འབྲུག་སྐད། བལ་པོའི་སྐད་བཅས་ལྔ་ཡིན། གཞན་ཡང་གསུང་བཤད་ནང་

མཚུར་ཕུ་བླ་བྲང་གི་མཛོད་པ་སྐྱབས་རྗེ་སྒྲུབ་དཔོན་རིན་པོ་ཆེ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྟོན་བརྒྱ་རྩ་བརྒྱད་པོ་རྣམས་

ད་ལྟ་སྐད་རིགས་ལྔར་ཡོད་ཀྱང་སླད་ནས་ད་དུང་ཡུལ་གྲུ་གཞན་གྱི་སྐད་ཡིག་ནང་པར་སྐྲུན་གནང་རྒྱུའི་མཐུན་འགྱུར་ཞལ་

བཞེས་མཛད་པར་གསུངས།

¡@

༧དཔལ་རྒྱལ་དབང་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྟོན་བཀའ་སློབ་ཏུ་སྤྱིར་རང་རེ་དམ་ཆོས་ཉམས་ལེན་བྱ་མཁན་

ཡིན་དུས་འགྲོ་ཀུན་བདེ་བའི་སྨོན་ལམ་དང་རེ་བ་རྒྱུན་དུ་བྱེད་པ་ལྟར། རང་རེ་རྣམས་སྡོད་སའི་ཁང་པ་དང་འཛིན་ཆས་

དེབ་ལ་སོགས་པའི་དངོས་པོ་ཀུན་དང༌། ཐ་ན་གསོན་པོར་གནས་ཐུབ་པའི་དབུགས་འབྱུང་རྔུབ་ཀྱི་ཆ་རྐྱེན་དེ་ཡང་གཞན་ལ་

བརྟེན་པ་ཞིག་ཡིན་པས། དེ་ལྟར་ཚུལ་བཞིན་བསམ་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ལས་དཀའ་ངལ་དུ་མ་བྱུང་བ་ཡིན། དེ་

བཞིན་འཇིག་རྟེན་ནང་འབྱུང་བའི་གནོད་འཚེའི་རྐྱེན་ལས་བྱུང་བའི་ཉེས་པ་བརྒྱ་ཆ་ལྔ་བཅུ་ལྷག་ཙམ་རང་གིས་བྱས་ཉེས་

ལ་བརྟེན་ནས་བྱུང་བ་ཡིན་པས། དེས་ན་འཛམ་གླིང་འདི་ང་རང་ཚོའི་འཚོ་གནས་ཀྱི་གཞི་རྟེན་ཡིན་དུས། དེ་སྲུང་སྐྱོབ་བྱ་

རྒྱུ་ཤིན་ཏུ་གལ་ཆེ་ཡིན་ཚུལ་ཞིབ་པར་གསུངས། གཞན་ཡང་འཇིག་རྟེན་ཆགས་ཚུལ་གྱི་ངོ་སྤྲོད་མདོ་ཙམ་མཛད།

¡@

དེ་རྟིང་༧དཔལ་རྒྱལ་དབང་མཆོག་ནས་རང་བྱུང་ཁོར་སྲུང་སྐྱོབ་ཚོགས་པའི་དྲྭ་གནས་དབུ་འབྱེད་མཛད། དེ་རྗེས་སུ་ཇ་

བོད་ཁྱིམ་སློབ་ཕྲུག་ཁག་ཅིག་ནས་ཁོར་ཡུག་སྐོར་གྱི་སྨོན་ལམ། ཨེ་མ་འཛམ་གླིང་ཞེས་པའི་ཆོས་དབྱངས་སྙན་འཇེབས་

ལྡན་པའི་ངང་སྒྲོགས་ཏེ་དེ་ཉིན་གྱི་མཛད་སྒོ་གྲོལ།

¡@

¡@

¡@
¡@

¡@

¡@


Copyright © Kagyu Monlam Chenmo. All Rights Reserved.