|
ཕྱི་ལོ་
2009
ཟླ་
12
ཚེས་
21
ཉིན་བཤེས་སྤྲིང་གི་གསུང་ཆོས་ཉིན་གཉིས་པའི་སྙིང་བསྡུས།
བཤེས་སྤྲིང་ཐོག་གསུང་ཆོས་བྱེད་རྒྱུའི་ཉིན་གཉིས་པར་ཐོག་མར་ཚོགས་དམངས་ཡོངས་ལ་འཚམས་འདྲི་མཛད།
མི་དགེ་བཅུ་སྤོང་གི་
ཚུལ་ཁྲིམས་ནི་འཛམ་གླིང་ཞི་བདེ་ཡོང་བ་དང༌། སྤྱི་ཚོགས་བདེ་སྐྱིད་ཡོང་བ།
དེ་བཞིན་ཁྱིམ་ཚང་ཞི་བདེ་ཡོང་ཕྱིར་གལ་ཆེན་པོ་ཡིན།
ལྷག་པར་དུ་ཁྱིམ་ཚང་འཛིན་ཏེ་འཇིག་རྟེན་མཐུན་འཇུག་ལྟ་བུ་བྱས་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུང་ཚེ་དཔེར་ན།
བཟའ་
ཚང་ལྟ་བུ་ཡིན་ན་ཕན་ཚུན་བདེ་སྐྱིད་ཡོང་བར་ཧ་ཅང་ཕན་ཐོགས་ཆེ་བ་ཡིན།
¡@



¡@
ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས་ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར་ཐོག་མར་རྗེས་དྲན་དྲུག་ལས་གཏོང་བ་རྗེས་སུ་
དྲན་པར། སྦྱིན་པ་གཏོང་བའི་ཕན་ཡོན། སྦྱིན་པ་གཏོང་བའི་རྒྱུ་མཚན།
དེ་ལ་ཐོག་མར་སྦྱིན་པ་གཏོང་བའི་ཡུལ་ལ་གོང་འོག་གཉིས་
ལས། ཐོག་མར་དགེ་སློང་དང༌། བྲམ་ཟེ། བཤེས་གཉེན་རྣམས་དང༌། གཉིས་པར་ཕ་མ་དང༌།
བཀྲེན་དང༌། ནད་པ་རྣམས་ཡིན། སྦྱིན་པ་
གཏོང་བའི་རྒྱུ་མཚན་ནི། ཇི་ཙམ་གྱི་ལོངས་སྤྱོད་ཆེ་ཡང་མི་རྟག་པ། བརྟན་པོ་མེད་པ།
སྙིང་པོ་མེད་པ་ཡིན། གལ་ཏེ་རྒྱུ་ཅུང་ཟད་ཅིག་
མ་གཏོགས་མེད་ན་ཡང༌།
གཞན་ལ་སྦྱིན་པ་ཚུལ་བཞིན་བཏང་ཚེ་སྐྱེ་བ་ཕྱི་མར་བདེ་འགྲོའི་རྟེན་བཟང་ཐོབ་པ་དང༌།
ལོངས་སྤྱོད་
ཆེན་པོ་ཡོང་བའི་དགེ་མཚན་ཡོད།
¡@


¡@
རབ་ཏུ་བྱུང་བ་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་ལྡན་པ་ཞིག་ལ་རབ་བྱུང་ཟེར།
གཞན་གནོད་གཞི་དང་བཅས་པ་སྤོང་བ་ཞིག་
སྟེ་དེ་ཡང་སྲོག་གཅོད་སོགས་ལུས་ཀྱི་ལས་ལམ་གསུམ། རྫུན་སོགས་ངག་གི་ལས་ལམ་བཞི།
བརྣབ་སེམས་སོགས་ཡིད་ཀྱི་ལས་ལམ་
གསུམ་པོ་རྣམས་སྤོང་དགོས་པ་ཡིན། ཚེ་འདི་དོན་དུ་གཉེར་བ་མ་ཡིན་པས་མ་འདྲེས་པ།
ཚེ་ཕྱི་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་
གོ་འཕང་འཐོབ་པའི་ཕྱིར་བྱ་དགོས་པ་ཡིན་པས་མ་སྦགས་ཞེས་པའི་དོན་ཡིན།
¡@
ཞི་ལྷག་གི་ཏིང་ངེ་འཛིན་སྒོམ་པ་ལ་གཞི་རྩ་ཚུལ་ཁྲིམས་ཀྱི་གཞི་རྟེན་གྱི་མ་རྩ་དགོས་ཤིང༌།
ཐོག་མར་ཏིང་ངེ་འཛིན་རགས་པ་སྒོམ་པ་
ལ་ཚུལ་ཁྲིམས་སྒོམ་དགོས་པ་ཡིན།
དེ་བཞིན་ཐོས་བསམ་གྱི་གནས་སྐབས་སུ་ཡང་བག་ཡོད་དྲན་ཤེས་ལྟ་བུ་མ་བྱུང་བ་ཡིན་ན་མ་འགྲིག་
པ་ཡིན།
སྦྱིན་སོགས་ཕར་ཕྱིན་དྲུག་གི་ཉམས་ལེན་འཁོར་བའི་ཕ་རོལ་ཏུ་བགྲོད་པའི་ཐབས་ཡིན་པ་དང༌།
བྱང་ཆུབ་སེམས་དཔའ་ཞེས་
པ་ལས་སླ་པོ་ཞིག་མ་ཡིན་པར་སྙིང་རྗེ་ཆེ་བ། ཐབས་ཆེ་བ།
ཤེས་རབ་ཆེ་བ་དེ་ལྟ་བུ་དགོས་ཀྱི་ཡོད་ཅིང༌། དེ་ལྟར་འབྱུང་བ་ལ་ཐོག་མར་
ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན།
¡@

¡@
གང་ལ་ཕ་དང་མ་སོགས་ཀྱི་སྐབས་ནས་བསྟན་པའི་ཚིགས་སུ་བཅད་པ་དང་རྗེས་སུ་འབྲེལ་བའི་ཁྱིམ་པ་རྣམས་ལ་ལམ་སྟོན་གྱི་ཚིགས་
བཅད་དགུ་ཡོད་པ་ལས། ཐོག་མར་ཕ་མ་ལ་གུས་པར་བྱ་བ་ལ།
ང་ལ་མི་འདྲ་མིན་དུ་མ་ཐུག་མྱོང༌། ཁ་ཤས་ཕ་མ་ལ་བརྩེ་བ་ཡག་པོ་ཡོད་
པ། ཁ་ཤས་དེ་ཙམ་མེད་པ། མི་ལ་གནས་སྟངས་དུ་མ་ཡོད་སྟབས།
སྐབས་འདིའི་གདམས་པ་ཇི་ལྟར་བྱ་དགོས་མིན་བརྟག་དཔྱད་བྱ་རྒྱུ་
ཡོད་ས་རེད།
ང་རང་ལྟ་བུ་ཡིན་ན་ཕ་མ་ལ་བརྩེ་བ་དང་སྲི་ཞུ་སྒྲུབ་མི་ཐུབ་པའི་དཀའ་ངལ་མེད་ཀྱང་བྱེད་རྒྱུའི་གོ་སྐབས་མི་འདུག
།
འོན་ཀྱང་གཞན་སྲི་ཞུ་སྒྲུབ་མ་ནུས་པ་རྣམས་ལ་བསྐུལ་མ་བྱལ་རྒྱུ་ཡིན།
¡@
མདོར་ན་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་རྣམས་ཀྱིས་རིས་མེད་པའི་སེམས་ཅན་ཀུན་ལ་བྱམས་བརྩེ་སྒོམ་དགོས་ཀྱི་ཡོད་
དུས་དེའི་ནང་ཕ་མ་ཡང་ཚུད་བསྡད་ཡོད་རེད།
དེ་དག་གི་ནང་དགྲ་གཉེན་རིས་མེད་པ་ཐམས་ཆད་ཚུད་པ་ཡིན།
¡@

¡@
གཉིས་པ་བསྙེན་གནས་ཀྱི་ཡན་ལག་ལ་རྩ་བ་བཞི་དང་ཡན་ལག་བཞི་སྟེ་བསྡོམས་བརྒྱད་ཡོད།
ཉ་བརྒྱད་སྟོང་གསུམ་ལ་བསྙེན་གནས་
སྲུང་ན། ཕྱི་མ་རྟེན་བཟང་ཐོབ་པ་དང༌།
སྨོན་ལམ་འདེབས་ཀྱང་སྨོན་ལམ་ཚུལ་བཞིན་དུ་གྲུབ་པ་ཡིན། སེར་སྣ་གཡོ་སྒྱུ་ཆགས་དང་
སྙོམ་ལས་དང༌། །ཞེས་སོགས་སྐབས་ནས་བསྟན་པའི་སེར་སྣ་དང༌། གཡོ་སྒྱུ། སྙོམ་ལས།
མངོན་པའི་ང་རྒྱལ་སོགས་ཀྱི་འགྲེལ་བཤད་
ཞིབ་པར་གནང༌།
དེ་རྗེས་བྱམས་པ་དང་སྙིང་རྗེའི་ཉམས་ལེན་བྱེད་མཁན་ཞིག་གིས་ང་རྒྱལ་གཉེན་པོ་བསྟེན་དགོས་རྒྱུ་ཤིན་ཏུ་གལ་
ཆེ་བ་ཡིན་པ་སོགས་དང༌། དེ་བཞིན་བག་ཡོད་དང་བག་མེད་ཀྱི་རྣམ་གཞག །སྡིག་པ་བཤགས་ཚུལ་གྱི་རྣམ་གཞག་དཔེ་དང་བཅས་
པར་ཞིབ་ཕྲར་གསུངས་སོ། །དེ་བཞིན་བར་ཆོས་མཚམས་སུ་དྲི་བ་ཁག་ལ་བཀའ་ལན་བསྩལ།
¡@

¡@ |