|
མི་འཁྲུགས་པའི་བསྙེན་མཚམས། ཕྱི་ལོ་
2009 ཟླ་
11 ཚེས་
27 ནས་ཕྱི་ལོ་
2009 ཟླ་
12 ཚེས་
10
བར།
¡@
མགོན་པོ་མི་འཁྲུགས་པའི་བསྙེན་མཚམས་པ་རྣམས་ནི། ཕྱི་ལོ་
2009
ཟླ་ 11 ཚེས་ 27
ནས་ ཕྱི་ཟླ་བཅུ་གཉིས་པའི་ཚེས་ 10
བར་
ཉིན་གྲངས་བཅུ་བཞིའི་རིང་བཞུགས་ཤིང༌།
མི་འཁྲུགས་པའི་བསྙེན་མཚམས་ལ་བཞུགས་མཁན་སྒྲུབ་བླ་བཅུ་གཅིག་དང༌། དགོན་
སྡེ་ཁག་གི་ལས་སྣེ་བགྲེས་ཡོལ་བ་སྐྱ་བོ་ལྔ།
དེ་བཞིན་རྒྱའི་བླ་མ་ཧེ་ཏོ་བ་སི་མཆོག་དང་ཞབས་འབྲིང་གཅིག་བཅས་བསྡོམས་མཚམས་
བཞུགས་པ་ཞལ་གྲངས་བཅོ་བརྒྱད་ཙམ་ཡོད།
¡@
སྤྱིར་དགུན་ཆོས་སྐབས་བཤད་གྲྭ་བ་རྣམས་ལུང་རིགས་ཀྱི་སྒོ་ནས་བརྒལ་བརྟག་མཛད་བཞིན་པ་དང་ཆབས་ཅིག
།སྒྲུབ་གྲྭ་ཐོན་ཟིན་
པ་རྣམས་ལ་ཡང་མི་འཁྲུགས་པའི་བསྙེན་མཚམས་བསྐྱལ་རྒྱུའི་གོ་སྐབས་བསྩལ་བ་ལྟ་བུ་ཞིག་ཡིན།
མི་འཁྲུགས་པའི་བསྙེན་མཚམས་
པ་རྣམས་ཉིན་རེར་ཐུན་བཞིའི་རིང་ཚོགས་པར་མཛད་ཅིང༌།
ཐུན་རེར་ཆུ་ཚོད་གཅིག་དང་ཕྱེད་རིང་ཡིན།
¡@
ཞོགས་པ་ཆུ་ཚོད་བརྒྱད་པ་ནས་དགུ་དང་ཕྱེད་ཀྱི་བར་ཐུན་དང་པོ།
དེ་རྗེས་ཆུ་ཚོད་ཕྱེད་ཀའི་རིང་བར་གསེང༌། སླར་ཡང་ཆུ་ཚོད་
བཅུ་པ་ནས་བཅུ་གཅིག་དང་ཕྱེད་ཀྱི་བར་ཚོགས་ཐུན་གཉིས་པ།
དེ་ནས་གུང་ཚིགས་གསོལ་རྒྱུ། ཁོང་རྣམས་ཀྱི་ཕྱིར་གུང་ཚིགས་བཟོ་
མཁན་ཟུར་དུ་བཙུགས་གནང་མཛད་ཅིང༌།
དེ་བཞིན་བཞུགས་གནས་ཀྱང་འདུ་ཁང་ཡང་སྟེང་དུ་ཡོད། ཁོང་རྣམས་གུང་ཚིགས་
རྐྱང་པ་ལས་ཕྱི་དྲོའི་ཁ་ཟས་བསྙེན་མཚམས་མ་གྲུབ་བར་སྤོང་དགོས་པ་ཡིན།
ཚོགས་ཐུན་གསུམ་པ་གུང་ཡོལ་ཆུ་ཚོད་གཉིས་པ་ནས་
གསུམ་དང་ཕྱེད་ཀྱི་བར་དང་དེ་ནས་ཆུ་ཚོད་ཕྱེད་ཀྱི་རིང་གསོལ་ཇའི་བར་གསེང༌།
བསྐྱར་དུ་དགོང་དྲོའི་ཆུ་ཚོད་བཞི་པ་ནས་ལྔ་དང་
ཕྱེད་ཀྱི་བར་ཚོགས་ཐུན་བཞི་རེ་བསྡོམས་ཉིན་རེར་ཆུ་ཚོད་དྲུག་རིང་མཚམས་སུ་བཞུགས་དགོས་པ་ཡིན།
¡@

¡@
མི་འཁྲུགས་པའི་བསྙེན་མཚམས་པ་རྣམས་ལ་ཉིན་ལྟར་རྒྱལ་དབང་མཆོག་ཆེད་ཕེབས་ཀྱིས་ཁོང་རྣམས་ལ་མི་འཁྲུགས་པའི་བསྐྱེད་རིམ་
སྐོར་དམིགས་བསལ་བཀའ་འཁྲིད་ཟུར་དུ་ཆུ་ཚོད་རེ་ཟུང་རིང་རྒྱུན་དུ་གནང་བཞིན་ཡོད།
མི་འཁྲུགས་པའི་བསྙེན་མཚམས་པ་རྣམས་
སྨོན་ལམ་ཉིན་མཐའ་མར་ཡོངས་དགེ་གཏེར་སྒར་དགོན་གྱི་སྒོ་མཆོར་གམ་དུ་རྒྱལ་དབང་མཆོག་ནས་གཤིན་བསྔོའི་བྱང་ཆོག་མཛད་
སྐབས་ལྷན་དུ་ཚོགས་ཕེབས་དགོས་པ་ཡིན།
རྒྱུན་སྲོལ་ཡིན་ན་མི་འཁྲུགས་པའི་བསྙེན་མཚམས་སྐབས་སྒྲུབ་བླ་ཁོ་ན་ལས་གཞན་བཞུགས་སྲོལ་མེད་ཀྱང༌།
འདི་ལོ་དགོན་སྡེ་ཁག་གི་
ལས་བྱེད་བགྲེས་ཡོལ་ཁག་ལ་སྒྲིབ་སྦྱོང་ཕྱིར་དམིགས་བསལ་གོ་སྐབས་ཕུལ་བ་ཞིག་ཡིན།
¡@
¡@ |