|
2009 ཟླ་ 1 ཚེས་ 12 ནས་ 14 བར་གྱི་མཛད་རིམ།
ཕྱི་ལོ་ ༢༠༠༩ ཕྱི་ཟླ་དང་པོའི་ཚེས་བཅུ་གཉིས་ནས་བཅུ་བཞི་བར་ཉིན་གསུམ་གྱི་རིང་བཀའ་བརྒྱུད་སྨོན་ལམ་གྱི་མཛད་རིམ་
གྲུབ་རྗེས་ཕྱི་རྒྱལ་རྒྱལ་ཁབ་ལྔ་བཅུ་ང་དྲུག་ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཆིག་སྟོང་ཉིས་བརྒྱ་ལ་ཉེ་བར་བཀའ་
བརྒྱུད་སྨོན་ལམ་ཚོགས་པ་ནས་གོ་སྒྲིག་མཛད་པ་ལྟར་ཁོང་རྣམས་ལ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧རྒྱལ་དབང་
ཀརྨ་པ་མཆོག་ནས་དམིགས་བསལ་གསུང་ཆོས་བསྩལ། གཞན་ཡང་འདི་ལོ་མཚུར་ཕུ་བླ་བྲང་ནས་གོ་སྒྲིག་མཛད་པ་ལྟར་
དགེ་འདུན་བྱིངས་རྣམས་མཆོད་རྟེན་རིན་པོ་ཆེའི་སྤྱན་སྔར་༧རྒྱལ་དབང་ཡིད་ནོར་མཆོག་དགུང་གྲངས་ཉེར་ལྔའི་
དགུང་སྐེག་དངོས་གཞི་ལ་ཕེབས་པས་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་མཐའ་དག་ཞི་ཞིང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་
སྒྲུབ་བརྒྱུད་ཀྱི་རིང་ལུགས་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་ནས་གོང་དུ་འཕེལ་སླད་སྐུ་ཚེ་ཞབས་པད་ཡུན་
དུ་བརྟན་ཕྱིར་ཞབས་བརྟན་གསོལ་འདེབས་སུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོགས་དང་སྒྲོལ་མ་འབུམ་ཐེར།
དེ་བཞིན་མགོན་པོའི་ཚོགས་འབུམ་རྒྱས་པ་དང་། ཉིན་མཐའ་མར་ཞོགས་པ་ཆུ་ཚོད་བརྒྱད་པའི་ཐོག་མཚུར་ཕུ་བླ་བྲང་
ནས་རྒྱལ་དབང་ཡིད་ནོར་མཆོག་བསྟན་འགྲོའི་དཔལ་མགོན་དམ་པར་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཕྱིར་སྐུ་གསུང་
ཐུགས་རྟེན་གྱི་བརྟན་བཞུགས་བསྟར་འབུལ་ཞུས། དེ་མཇུག་བསང་མཆོད་བདུད་རྩི་སྤྲིན་ཕུང་འདོན་གནང་རྗེས་གསོལ་
ཚོགས་གྲོལ་རྒྱུ་རེད་འདུག །



ཉིན་དང་པོའི་གསུང་ཆོས་ཀྱི་སྙིང་དོན།
ཕྱི་རྒྱལ་བ་རྣམས་ལ་བསྩལ་བའི་ཉིན་དང་པོའི་གསུང་ཆོས་ཀྱི་སྙིང་དོན་ནི། དེང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དཔལ་འབྱོར་འདུ་
འགོད་ཀྱི་རྐྱེན་པས་ལས་བྲེལ་ཤིན་ཏུ་ཆེ་སྟབས་ཟུར་དུ་སྒོམ་སྒྲུབ་དང་ཆོས་བྱ་རྒྱུའི་གོ་སྐབས་མེད་ན་ཡང་རང་ཉིད་ཀྱི་ལས་
དོན་གང་ཡིན་ན་ཡང་དེ་དང་འབྲེལ་བའི་ལྷག་བསམ་དང་སེམས་ཀྱི་འཕེན་པ་གཏོང་ཚུལ་གྱི་རྐྱེན་པས་ཆོས་ཕྱོགས་སུ་འགྲོ་
བའང་ཡོད།
གུང་ཡོལ་རྗེས་མགོན་པོ་མཆོག་ནས་སེམས་ལྷོད་དེ་འཇོག་ཐབས་སྐོར་གཙོ་བོར་གསུང་གནང་མཛད། དེ་ཡང་སྐབས་རེ་
སེམས་རྒྱུད་ལྷོད་ཀྱིས་གློད་པར་བྱ་རྒྱུ་ཤིན་ཏུ་གལ་ཆེ། རང་ཉིད་ལ་འདི་ཙམ་གྱིས་འགྲིག་སོང་སྙམ་པའི་ཆོག་ཤེས་ཀྱི་བློ་ཡང་
བསྟེན་དགོས། སྤྱིར་ཆགས་ཤིངཞེན་པའི་རང་བཞིན་དེ་སེམས་དང་དུས་གཏན་དུ་ལྷན་ཅིག་ཏུ་འགྲོགས་པ་ཞིག་ཡིན་ཀྱང་།
ཞེ་སྡང་ངམ་ཁོང་ཁྲོ་དེ་བཞིན་སྐབས་རེ་མ་གཏོགས་མི་ཡོང་བ་ཡིན་པས། ཆགས་ཞེན་ཇི་ལྟར་སྐྱེ་ཚུལ་རྟོག་དཔྱོད་བྱ་རྒྱུ་ཤིན་
ཏུ་གལ་ཆེ་བ་ཡིན། ཡིད་དུ་འོང་མི་འོང་རང་དབང་མེད་པ་བཟོ་མཁན་གཙོ་བོ་སེམས་ཉིད་ཡིན། འདོད་པའི་ཆགས་པ་དང་
སེམས་ཅན་བློས་གཏོང་མི་བྲ་བ་ལ་སོགས་པ་སྤྱིར་ཆགས་པ་ཡིན་པ་མཚུངས་ཀྱང་བྱེད་ལས་མི་འདྲ་བ་ཡིན་ཚུལ་སོགས་ཞིབ་
ཅིང་རྒྱས་པར་གསུངས། དེ་རྗེས་སློབ་མ་རྣམས་ཀྱི་དྲི་བ་སོ་སོར་བཀའ་ལན་བསྩལ།



¡@
¡@ |